logo Home Page
  • བརྡ་སྤྲོད།
    • ཡི་གེ
    • ༓ དབྱངས།
    • ༓ གསལ་བྱེད།
    • ཚིག་ཕྲད།
    • ༓ ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་བཤད་པ།
    • ༓ ཕྲད་རང་དབང་ཅན།
  • རྩ་ཚིག
    • ལེགས་བཤད་ལྗོན་དབང་།
    • དཀའ་གནད་གསལ་བའི་མེ་ལོང་།
    • བྱིས་པ་དག་ཡིག
    • སུམ་ཅུ་པའི་རྩ་བ།
    • རྟགས་ཀྱི་འཇུག་པའི་རྩ་བ།
    • ཆུའི་བསྟན་བཅོས་ཀྱི་རྩ་བ།
    • ཤིང་གི་བསྟན་བཅོས་ཀྱི་རྩ་བ།
    • བསྡུས་གྲྭའི་སྡོམ་ཚིག
    • དགེ་ལྡན་ལེགས་བཤད།
    • བཤེས་སྤྲིངས་ཀྱི་རྩ་བ།
    • ས་སྐྱ་ལེགས་བཤད་ཀྱི་རྩ་བ།
  • དྲི་བ་དྲི་ལན།
    • བོད་ཀྱི་ལོ་རྒྱུས་དྲི་བ་དྲི་ལན།
    • སྐུ་ཕྲེང་རིམ་བྱོན་དྲི་བ་དྲི་ལན།
    • དཀའ་གནད་དྲི་བ་དྲི་ལན།
    • སྙན་ངག་སྤྱི་དོན་དྲི་བ་དྲི་ལན།
    • དེབ་ཐེར་དཀར་པོ་དྲི་བ་དྲི་ལན།
    • ཆོས་འབྱུང་ཀུན་བཏུས།
  • ནང་ཆོས།
    • སྐྱབས་འགྲོ
    • སྒྲོལ་མ་ཉེར་གཅིག
    • ལས་འབྲས།
    • ལྷ་དང་ཡི་དམ།
    • བློ་སྦྱོང་ཚིགས་བརྒྱད་མ།
    • མཎི་ཡིག་དྲུག
    • ཡ་རབས་སྤྱོད་བཟང་སྐོར།
    • ནང་ཆོས་སྤྱི་དང་ཕྱག་མཆོད་སྐོར།
    • བདེན་པ་གཉིས་ངོ་སྤྲོད།
    • བདེན་པ་བཞི་ངོ་སྤྲོད།
  • དུས་ཆེན།
    • བཅོ་ལྔ་མཆོད་པ།
    • གསུམ་བཅུའི་དུས་དྲན།
    • ས་ག་ཟླ་བ།
    • འཁྲུངས་སྐར་དུས་ཆེན།
    • མང་གཙོ་དུས་ཆེན།
    • ལྷ་བབས་དུས་ཆེན།
    • ངན་པ་དགུ་འཛོམས་དང་བཟང་པོ་
    • ཆོས་འཁོར་དུས་ཆེན།
    • འཛམ་གླིང་སྤྱི་བཟང་།
    • བོད་ཀྱི་ལོ་གསར།
  • རྒྱུན་ཤེས།
    • དར་ལྕོག
    • ཉི་ཟླ་གཡུང་དྲུང་།
    • ནོར་བུ་དགའ་འཁྱིལ།
    • རི་དྭགས་ཆོས་འཁོར།
    • རླུང་རྟ།
    • མི་མཐུན་གཡུལ་རྒྱལ།
    • ནོར་བུ་ཆ་བདུན།
    • འདོད་ཡོན་རྣམ་ལྔ།
    • རྒྱལ་སྲིད་སྣ་བདུན།
    • སྲིད་པའི་འཁོར་ལོ།
    • བཀྲ་ཤིས་རྟགས་བརྒྱད།
    • བཀྲ་ཤིས་རྫས་བརྒྱད།

སྲོང་བཙན་སྒམ་པོ།

༥༠༽ ཕྱི་ལོ་༦༤༡ ཡས་མས་སུ། བལ་རྒྱལ་འོད་ཟེར་གོ་ཆ་འདས་ཤིང་བལ་ཡུལ་དུ་ནང་འཁྲུག་བྱུང་བས། ཁྲི་བཙུན་གྱི་ཨ་ཁུ་མི་དབང་ལྷ་ཞེས་པས་བོད་དུ་འཕྲིན་བསྐུར་ནས། བོད་རྒྱལ་ལ་རང་གི་རྒྱལ་སྲིད་སླར་གསོ་ཆེད་རོགས་མགོན་ཡོང་བའི་སྐྱབས་འཇུག་ཞུས།

༥༡༽ དེར་སྲོང་བཙན་སྒམ་པོས་བལ་ཡུལ་དུ་དམག་བཏང་ནས། ངོ་ལོག་རྒྱལ་པོ་བི་ཤི་ནུ་གུབཏ་ཚར་བཅད་དེ། ཕྱི་ལོ་༦༤༣ ལོར་རྒྱལ་སྲིད་མི་དབང་ལྷ་ལ་གནང་ཞིང༌། སྤྱིའི་བདག་དབང་བོད་ཀྱིས་བཟུང་སྟེ། དམག་རོགས་ཆེད་བལ་ཡུལ་དུ་བོད་དམག་བཅའ་སྡོད་བྱས།

༥༢༽ སྐབས་དེར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཕྲན་ཞང་ཞུང་ནི་སྟོབས་འབྱོར་མངའ་ཐང་ཆེ་བས། བོད་ཀྱི་ཆབ་སྲིད་བརྟན་བརླིང་དང་རྒྱ་བསྐྱེད་དགོས་ན་ཞང་ཞུང་མངའ་ཞབས་སུ་བསྡུ་དགོས་དགོངས་ཏེ། སྲོང་བཙན་གྱིས་ཐོག་མར་ཞང་ཞུང་ལ་གཉེན་འབྲེལ་བྱ་རྒྱུའི་ཇུས་བཤམས།

༥༣༽ དེར་སྲོང་བཙན་གྱིས་སྲིང་མོ་སད་མ་ཀར་ལ་དེ་དོན་རྒྱུ་མཚན་ཞིབ་གླེང་གིས་ཕྱག་རོགས་ཡོང་བའི་ཐུགས་འདུན་བཏོན་པར། སྲིང་མོས། གཅེན་པོའི་རླབས་ཆེན་དགོངས་དོན་འགྲུབ་ཕྱིར་ཁོ་མོས་གོ་ཆོད་པའི་ལས་ཀ་ཅི་ཞིག་སྒྲུབ་དགོས་ཀྱང་འགྱོད་པ་མེད། ཅེས་ཞུས།

༥༤༽ དེ་ནས་ནང་བློན་ཞིག་ལ། ཞང་ཞུང་གི་ཡི་གེར་བྲིས་པའི་བཀའ་ཡིག་དང་ལེགས་སྐྱེས་ཕོན་ཆེ་བཅས་བསྐུར་ནས། ཞང་བོད་གཉེན་འབྲེལ་བྱ་རྒྱུའི་ཕོ་ཉ་བཏང་བས། ཞང་ཞུང་རྒྱལ་ཕྲན་རྒྱལ་པོ་དགའ་ནས་དེ་མ་ཐག་ཁས་བླངས།

<< སྔོན།

མཇུག >>

Install Quicktime

  • For the audio files

རྒྱལ་རབས།

  • བོད་ཀྱི་རྒྱལ་པོ།
  • རྒྱལ་དར་འགྲེལ་བཤད།
  • བོད་ལྗོངས་ངོ་སྤྲོད།
  • བོད་རྒྱལ་ཁབ་ཀྱི་རྒྱལ་གླུ།

སློབ་དེབ་ཁག

  • སྔོན་འགྲོ་དང་པོ།
  • སྔོན་འགྲོ་གཉིས་པ།
  • འཛིན་གྲྭ་དང་པོ།
  • འཛིན་གྲྭ་གཉིས་པ།
  • འཛིན་གྲྭ་གསུམ་པ།
  • འཛིན་གྲྭ་བཞི་པ།
  • འཛིན་གྲྭ་ལྔ་པ།

སྤྱིར་བཏང་ཤེས་བྱ།

  • པཎ་སྒྲུབ་བཅུ་བདུན།
  • མཚན་སྔགས།
  • ཞེ་སའི་ཚིག་མཛོད།
  • གཏམ་དཔེ།

Copyright © 2010 Sambhota Tibetan Schools Society. Last updated on